Slider
Slider

ངས་མི་ཚེའི་བརྒྱུད་རིམ་ནང་ང་ཚོ་བུད་མེད་ཡིན་པའི་ཆ་ནས་དུས་རྟག་ཏུ་སྐྱེས་པ་ཕོ་ལས་ལྷག་ཡིན་པ་ར་སྤྲོད་བྱེད་དགོས་ཀྱི་ཡོད་པ་དེ་ཚོར་སྣང་ཆེན་པོ་བྱུང་། འོན་ཀྱང་། དེར་ངས་སྐྱོན་བརྗོད་བྱེད་དགོས་པ་ཞིག་ཏུ་མཐོང་མ་སོང་། གང་ཡིན་ཟེར་ན། དེས་ང་ལ་གཞན་ལས་ལྷག་འབད་བརྩོན་བྱས་བཅུགས་ཡོད། ངས་རང་ཉིད་བུད་མེད་ཅིག་ཡིན་པའི་ཆ་ནས་འོས་བསྡུའི་ལས་འགུལ་དང་བྱ་བ་གང་ཡིན་ཡང་སྔར་ལྷག་འབད་པ་བྱེད་དགོས་པ་དེ་ཤེས་བཞིན་ཡོད། ངས་བོད་ཀྱི་བུད་མེད་ཡོད་ཚད་ཀྱི་ངོ་ཚབ་བྱེད་ཐུབ་ཀྱི་ཡོད་མེད་ཤེས་ཚོད་མི་ཐིག་ཀྱང་། གང་ལྟར་ཐེངས་འདིའི་ངའི་བྱ་བཞག་གིས་ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་དངོས་ཤུགས་གཉིས་ནས་བོད་ཀྱི་བུད་མེད་རྣམས་ཀྱི་ངོ་བོ་མཚོན་པར་ཤུགས་རྐྱེན་ཐེབས་ཀྱི་རེད། དེར་བརྟེན། ང་ལ་ལས་འགན་དང་གདོང་ལེན་ཆེན་པོ་ཞིག་ཡོད་པ་ཚོར་གྱིན་འདུག་ལ། ད་ལྟ་ང་ཚོས་ལོ་རྒྱུས་གསར་པ་བསྐྲུན་ཆེད་ཁ་ཕྱོགས་གྱུར་པ་དེར་བོད་ཀྱི་བུད་མེད་རྣམས་ནས་ང་ལ་རྒྱབ་སྐྱོར་ཡོང་བའི་རེ་བ་ཡོད་པ་མ་ཟད། བོད་ཀྱི་བུད་མེད་ཚོས་ལས་འགན་འཁུར་རྒྱུ་འགོ་བརྩམས་ཡོད་ཅེས་འཛམ་གླིང་སྤྱི་དང་བྱེ་བྲག་རྒྱ་ནག་གི་འགོ་ཁྲིད་ཚོར་བརྡ་ལན་ཤུགས་ཆེན་པོ་སྤྲོད་པའི་དུས་ཚོད་ཅིག་སླེབས་ཡོད་པ་རེད།   

 

- བཀའ་ཟུར་རྒྱ་རི་སྒྲོལ་མ།  

 

བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་ནི་བཙན་བྱོལ་བོད་ཀྱི་ཆབ་སྲིད་སྡིང་ཆའི་སྟེང་མངོན་གསལ་དོད་ཤོས་ཤིག་དང་། ཀུན་ལ་རྒྱུས་མངའ་ཡོད་པ། ཡོད་ཚད་མི་རིགས་དང་རྩ་དོན་ཆེད་བློས་གཏོང་གནང་མཁན། ལྷག་བསམ་དང་སེམས་ཤུགས་འགྲན་ཟླ་མེད་པ། འཇོན་ཐང་དང་ཤེས་ཡོན་ཕུལ་དུ་བྱུང་བ། ལོ་རྒྱུས་དང་མཛད་རྗེས་ཆེ་བའི་སྙན་གྲགས་ཅན་གྱི་རླབས་ཆེན་གྱི་མི་སྣ་ཞིག་རེད།

 

བཀའ་ཤག་སྐབས་ ༡༦ པའི་སྲིད་སྐྱོང་འོས་མི་བཀའ་ཟུར་རྒྱ་རི་སྒྲོལ་མའི་ལས་འཆར་སྙིང་བསྡུས།

གུས་མོ་རང་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་གལ་གནད་ཆེ་ཤོས་སྲིད་སྐྱོང་གི་ཞབས་སྟེགས་སུ་འོས་ཐོན་ཡོང་བའི་རེ་སྐུལ་བྱེད་བཞིན་པའི་སྐབས་འདིར་སྙན་སེང་ཞུ་རྒྱུ་ནི། ངོས་རྣམས་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱིས་མྱངས་དང་མྱོང་བཞིན་པའི་གནས་སྟངས། ད་བར་བོད་མི་རིགས་དང་དེའི་རྩ་དོན་འགྲུབ་ཆེད་རང་སྲོག་བློས་གཏོང་གནང་མཁན་དཔའ་བོ་དཔའ་མོ། གཙོ་བོ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དྲིན་དང་གཞིས་ལུས་སྤུན་ཟླ་རྣམས་ཀྱི་རྒྱལ་ཞེན་སྙིང་ལ་བཅངས་ཤིང་། གུས་མོ་རང་ཉིད་བཙན་བྱོལ་ནང་སྐྱེས་ཏེ་འཚར་ལོངས་བྱུང་བའི་བོད་ཀྱི་བུད་མེད་ཅིག་ཡིན་པར་མགོན་པོ་གང་གི་ཐུགས་རྗེ་ཆེན་པོའི་མཛད་པ་ཉག་ཅིག་ལ་བརྟེན་ཕོ་མོ་འདྲ་མཉམ་གྱི་གོ་སྐབས་སླར་ཡང་ལོངས་སུ་སྤྱོད་ཐུབ་པའི་རེ་བ་བྱེད་བཞིན་ཡོད། སྤྱིར་ངོས་རྣམས་ཀྱི་གནས་སྟངས་འདི་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་དང་མི་འདྲ་བའི་གནས་བབ་ཅིག་དང་། ཆབ་སྲིད་སྒྲོམ་གཞི་དེའང་ཆབ་སྲིད་ཚོགས་པ་མེད་པའི་མང་གཙོའི་འགྲོ་ལུགས་ཤིག་ཡིན་པ་ཚང་མས་མཁྱེན་གསལ་ལྟར། 

གསར་འགྱུར།


ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས།


བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནས་ད་ལྟའི་ཆར་ང་རང་གིས་སྲིད་སྐྱོང་གི་འགན་འཁུར་ཐུབ་པ་འདུག་ཨ་བསམ་པའི་སྤོབས་པ་དང་སྙིང་སྟོབས། ཡིད་ཆེས་བཅས་བསླེབས་པའི་ཐོག་ནས་སྲིད་སྐྱོང་འོས་མིར་ལངས་པ་ཡིན་ཞེས་གསུངས་བྱུང་།

བཀའ་ཟུར་རྒྱ་རི་སྒྲོལ་མ་སྲིད་སྐྱོང་ལ་འོས་པ་ཡིན།

ད་བར་ཕྱི་ལོ་ ༢༠༢༡ གི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་རན་པའི་སྐབས་འདིར། སྲིད་སྐྱོང་འོས་མི་ཁག་གཅིག་ལང་གི་ཡོད་པའི་སྐོར་དྲ་ལམ་དུ་ཁྱབ་བཞིན་འདུག

བརྙན་པར།

Play
Play
Play
previous arrow
next arrow
previous arrownext arrow
Slider

སྤྱི་ཚོགས་དྲ་ལམ།



༢༠༢༡ སྲིད་སྐྱོང་འོས་མི་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱི་དྲ་ཚིགས།

© 2020 KASUR GYARI DOLMA FOR SIKYONG 2021